༢༠༡༨ ལོརརྒྱ་གར་གཞུང་དམངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ།

དེ་ཡང་ཕྱི་ལོ་ ༢༠༡༨ ཟླ་ ཚེས་ ༣༡ ཉིན་མོ་འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་༸ཞབས་སོར་ཐོག་མར་འཁོད་ནས་མི་ལོ་ ༦༠ འཁོར་བའི་དུས་དྲན་ཉིན་མོ་ཁྱད་པར་ཅན་ཞིག་ཡིན།

བོད་ཀྱི་རྒྱལ་ཁམས་འདི་ས་བབ་ཀྱི་ཆ་ནས་རྒྱ་གར་འཕགས་ཡུལ་དང་ཁྱིམ་མཚེས་ཡིན་པར་མ་ཟད། སྔོན་གྱི་ཆོས་རྒྱལ་ལོ་པཎ་རྣམས་ཀྱི་བཀའ་དྲིན་ལས་ཆོས་དང་རིག་གཞུང་ཐད་དམིགས་བསལ་གྱི་འབྲེལ་བ་ཟབ་པོ་ཡོད། དེར་བརྟེན་བོད་མི་རྣམས་ཀྱིས་གནའ་སྔ་མོ་ནས་ཡུལ་འདིར་རྒྱ་གར་འཕགས་པའི་ཡུལ་ཞེས་མངོན་པར་བསྟོད་ཀྱི་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་ནི་ང་ཚོའི་དགེ་རྒན་དང་། ང་ཚོ་ནི་རྒྱ་གར་གྱི་དགེ་ཕྲུག་ཡིན།ཞེས་བཀའ་ཡང་ཡང་སྩལ་བ་དང་། ལྷག་པར་གང་ཉིད་ཀྱི་སྐུ་ཚེའི་དུས་ཡུན་མང་ཆེ་བ་རྒྱ་གར་ལ་སྐུ་བཞུགས་གནང་སྟབས་ང་རྒྱ་གར་གྱི་བུ་ཡིན་ཞེས་དང་། བདག་ཉིད་ཆེན་པོ་གྷནདྷིའི་རྗེས་འབྲང་གཤའ་མ་ཞིག་ཡིན། ཞེས་བཀའ་གནང་བ་དང་འབྲེལ་ཡུལ་འདིར་དཔལ་ནཱ་ལེནྡཱའི་མཁས་པའི་བཞེད་གཞུང་གི་སྲོལ་རྒྱུན་ཉམས་པ་སླར་གསོ་ཡོང་ཐབས་དང་། ལྷག་པར་འགྲོ་བ་མིའི་རིགས་ཚང་མ་བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་པ་གཅིག་གྱུར་ཡིན་པའི་རིན་ཐང་གི་ལྟ་བའི་ཐོག་ནས་བྱམས་བརྩེ་འཆམ་མཐུན་གྱི་ཞི་བདེ་དང་། ཆོས་ལུགས་ཁག་མཐུན་སྒྲིལ། འགྲོ་བ་མིའི་རིགས་ཀྱི་ཡ་རབས་བཟང་སྤྱོད་དང་། འཚེ་མེད་ཞི་བདེའི་ཞབས་འདེགས་ཀྱི་ནུས་པ་ལྡན་པའི་བོད་ཀྱི་ཆོས་རིག་དང་། སྐད་ཡིག་རང་དབང་ངང་བདག་སྐྱོང་ཐུབ་ཐབས་བཅས་སུ་ཐུགས་ནུས་ཆེར་བསྐྱེད་མཛད་བཞིན་ཡོད།

ང་ཚོ་བོད་མིར་མཚོན་ན་རྒྱ་གར་འཕགས་པའི་ཡུལ་འདི་རང་གི་ཕ་ཡུལ་གཉིས་པ་ལྟ་བུར་རྩི་བཞིན་ཡོད། བོད་མི་བཙན་བྱོལ་བ་རྣམས་ལ་གནས་ཚང་གཡར་གནང་བ་མ་ཟད། བོད་མིའི་རང་དབང་འཐབ་རྩོད་ཐོག་ལའང་ཤ་ཚའི་རྒྱབ་སྐྱོར་ཧ་ཅང་ཆེན་པོ་གནང་བཞིན་ཡོད། དེར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་མིའི་འཐབ་རྩོད་འདི་རྒྱ་གར་ནང་ཐོག་མར་གཞི་རྟེན་ཚུགས་པ་ཞིག་ཡིན། དེར་བརྟེན་འཐབ་རྩོད་འདིར་རྒྱལ་ཁ་ཐོབ་ཚེ་རྒྱ་གར་ལའང་རྒྱལ་ཁ་ཐོབ་པ་ཞིག་ཆགས་རྒྱུ་རེད།ཅེས་གསུང་བཞིན་ཡོད།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་སྙན་གཟི་བྱིན་དང་། བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ལམ་སྟོན་འོག་རྒྱ་གར་རྒྱལ་ཡོངས་སུ་བོད་མི་རྣམས་ཀྱིས་ཕྱི་ལོ་ ༢༠༡༨ ཧྲིལ་པོར་རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་འདྲ་མིན་སྤེལ་བ་བརྒྱུད་བོད་དོན་འཐབ་རྩོད་རྒྱུན་འཁྱོངས་དང་། ལྷག་པར་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་གོམས་གཤིས་ལུགས་སོགས་རྒྱུན་འཛིན། བོད་མིའི་སྒྲིག་འཛུགས་དང་གཞིས་ཆགས་ཁག་སྲ་བརྟན་ཡོང་ཐབས་བྱ་རྒྱུ་བཅས་ཐད་གལ་ཆེའི་དོན་སྙིང་ལྡན་ཡོད་ན། དེ་ལུགས་ཚང་མས་ལས་འགུལ་ནང་ཧུར་ཐག་ཞུགས་དགོས་པ་དང་། ང་ཚོས་དྲང་བདེན་གྱི་རང་དབང་འཐབ་རྩོད་འདི་འཚེ་མེད་ཞི་བ་དང་གྲོས་མོལ་གྱི་ལམ་ནས་བྱ་རྒྱུའི་ལངས་ཕྱོགས་བརྟན་པོ་རྒྱུན་འཁྱོངས་བྱེད་དགོས།

 

༢༠༡༨ རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་ལས་འཆར་རེའུ་མིག

 

༡༽ ཕྱི་ཟླ་ ཚེས་ ༡༧ ནས་ ༣༡ གོམ་བགྲོད་ལས་འགུལ།

ཕྱི་ཟླ་ ཚེས་ ༡༧ ཉིན་བོད་པ་དང་རྒྱ་གར་བ་བསྡོམས་གྲངས་ ༦༠ ནས་ཨ་རུ་ནཱ་ཅལ་མངའ་སྡེའི་ས་ཁུལ་ཆུ་དྭངས་མ་ནས་གོམ་བགྲོད་འགོ་འཛུགས་ཀྱིས་ཚེས་ ༣༡ ཉིན་རྒྱལ་ས་ལྡི་ལིར་ཕེབས་འབྱོར་གནང་རྒྱུ། མི་གྲངས་ ༦༠ དེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་༧ཞབས་སོར་འཁོད་ནས་ལོ་ངོ་ ༦༠ འཁོར་བར་མཚོན།

 

༢༽ ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༣༡
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་བསྐྱང་རྒྱུ།

ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༣༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ནང་༸ཞབས་སོར་འཁོད་ནས་ལོ་ངོ་ ༦༠ འཁོར་བ་དང་སྟབས་བསྟུན། རྒྱ་གར་ལ་ཐུགས་རྗེ་ཆེ་ཞུའི་མཛད་སྒོ་ཞིག་བསྐྱང་གཏན་འཁེལ་ཡོད་པའི་ཚོགས་མགོན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། གཞན་གནད་ཡོད་མི་སྣ་ཁག་མཉམ་ཞུགས་གནང་བའི་ཐོག རྒྱ་གར་ནང་དར་རྒྱས་འགྲོ་བཞིན་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཁག་ངོ་སྤྲོད་ཐོག་ཕྱི་ལོ་ ༢༠༡༨ ལོ་འཁོར་མོར་དུས་སྟོན་སྲུང་བརྩི་ཞུ་རྒྱུ།

 

༣༽ ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༢༌༌༌༤

རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་དུ་ཉིན་གསུམ་རིང་གི་བོད་ཀྱི་རིག་གཞུང་དུས་སྟོན་སྲུང་བརྩི་ཞུ་རྒྱུ།


བོད་ཀྱི་ཆོས་དང་རིག་གཞུང་། ཤེས་རིག སྒྱུ་རྩལ། སྨན་རྩིས། རྒྱལ་རབས། རྩོམ་རིག ཡུལ་སྲོལ་གོམས་གཤིས། གློག་བརྙན་བཅས་ངོ་སྤྲོད་ཞུ་རྒྱུ།

 

ཉིན་གསུམ་རིང་གི་རིག་གཞུང་དུས་སྟོན་སྐབས་འགྲེམས་སྟོན་དང་། ལས་རིམ་སྣ་ཚོགས་ཀྱི་སྒོ་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་། འཁྲབ་སྟོན་སྒྱུ་རྩལ། རྩོམ་རིག ཡིག་གཟུགས། ཟས་རིགས། རྡུལ་མཚོན་དཀྱིལ་འཁོར། མར་མཚོན། པར་རིས་འགྲེམས་སྟོན། རུམ་གདན། ཡ་ཊ། པང་གདན་དང་། འབྲོག་པའི་འཚོ་བ་སོགས་འགྲེམས་སྟོན་ཞུ་རྒྱུ་བཅས།།

 

༤༽ ཕྱི་ཟླ་ ཚེས་ ༢༩ རྒྱ་གར་ཆེད་དམིགས་བསལ་སྨོན་ལམ་གསུང་འདོན་ཞུ་རྒྱུ།

ས་ག་ཟླ་བའི་ཚེས་ ༡༥ ཉིན་བོད་པའི་དགོན་སྡེ་གྲྭ་ཚང་ཁག་གི་ནང་། ས་ཁུལ་སོ་སོར་བཅའ་བཞུགས་རྒྱ་གར་གྱི་བླ་མ་རྣམས་གདན་ཞུས་ཀྱིས། རྒྱ་གར་རྒྱལ་ཁབ་ཡར་རྒྱས་གོང་འཕེལ་དང་། རྒྱ་གར་མི་དམངས་ཀྱི་བདེ་དོན་ཆེད་དམིགས་བསལ་སྨོན་ལམ་གསུང་འདོན་གོ་སྒྲིག་ཞུ་རྒྱུ།

༥༽ ཕྱི་ཟླ་ ཚེས་ རྒྱ་གར་ཡུལ་ལུང་སྔོ་ལྗངས་ལོ་འདབ་རྒྱས་པའི་ལས་འགུལ།

རྒྱལ་སྤྱིའི་ཁོར་ཡུག་ཉིན་མོར་བོད་མི་རྣམས་ནས་ས་ཁུལ་འདྲ་མིན་ལ་གཞི་རྒྱ་ཆེ་བའི་ཤིང་སྣ་འདེབས་འཛུགས་བྱ་རྒྱུ།

 

༦༽ ཕྱི་ཟླ་ ཚེས་ ༢༡ རྒྱ་གར་གྱི་འཕྲོད་བསྟེན་གོང་འཕེལ་ལས་འགུལ།

རྒྱལ་སྤྱིའི་རྩ་རླུང་སྒོམ་སྦྱང་༼ཡོ་ག་༽ཉིན་མོར། རྒྱ་གར་དབུས་གཞུང་གིས་གོ་སྒྲིག་གནང་བའི་ཡོ་གའི་ཉིན་མོའི་ལས་རིམ་ནང་མཉམ་ཞུགས་བྱ་རྒྱུ།

 

༧༽ ཕྱི་ཟླ་ ཚེས་ བཀྲེས་སྐོམ་ལ་ཟས་སྦྱིན།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་སླད། གཞུང་ལམ་དང་སྲང་ལམ་ཁག་ཏུ་སྡོད་མཁན་ཁྱིམ་མེད་ཉམ་ཐག་དང་། བཀྲེས་སྐོམ་གྱིས་མནར་བཞིན་པ་རྣམས་ལ་ཟས་ཀྱི་སྦྱིན་པ་གཏོང་རྒྱུ།

 

༨༽ ཕྱི་ཟླ་ ༡༠ ཚེས་ རྒྱ་གར་གཙང་བཟོའི་ལས་འགུལ་རྒྱ་ཁྱབ་ཏུ་སྤེལ་ཐབས་ལ་རམ་འདེགས།

རྒྱ་གར་གཙང་སྦྲའི་ཉིན་མོ་སྟེ་ ༼སྭཆ་བྷ་རཏ།༽ སྲུང་བརྩི་ཞུ་སྐབས་བོད་མི་རྣམས་ནས་གཙང་སྦྲའི་ལས་འགུལ་སྤེལ་རྒྱུ།

 

༩༽ ཕྱི་ཟླ་ ༡༢ ཚེས་ ༡༠ དགུན་ཁའི་གྲང་ངར་ལས་སྐྱོབ་ཆེད་གོས་སྦྱིན་ལས་འགུལ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཉིན་མོ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་བཅས་སྲུང་བརྩི་ཞུ་སྐབས། བོད་མི་རྣམས་ནས་སྡོད་ཁྱིམ་མེད་པའི་ཉམ་ཐག་རྣམས་ལ་དགུན་ཁའི་གྲང་ངར་གྱི་དཀའ་ངལ་སེལ་ཆེད་ཉལ་ཆས་དང་གོས་ཀྱི་སྦྱིན་པ་གཏོང་རྒྱུ།

Menu